འཚོལ་ཞིབ།      

 

 

ས་མཐའི་རྩོམ་རིག་སྒྱུ་རྩལ་གྱི་ཤོག་ལྷེ་ཐོག་མ་སྟེ<<མར་མེ་ཚགས་པར>>གློག་ཀླད་དྲ་ཚིགས་སུ་བསྒྱུར་ནས་ལེགས་གྲུབ་བྱུང་བ།

 

          ཕྱི་ལོ༢༠༠༨ཕྱི་ཟླ༤པའི་ཚེས༢༠ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པའི་ཐོག་ས་མཐའི་རྩོམ་རིག་སྒྱུ་རྩལ་གྱི་ཤོག་ལྷེ་ཐོག་མ་སྟེ<<མར་མེ་ཚགས་པར>>གློག་ཀླད་དྲ་ཚིགས་སུ་བསྒྱུར་ནས་ལེགས་གྲུབ་

བྱུང་ཞིང་། ད་ལྟ་དངོས་སུ་ཧི་མ་ལ་ཡའི་རྒྱབ་མདུན་དུ་ལྷགས་པའི་བོད་གཞིས་བྱེས་གཉིས་དང་གོ་ལ་ཧྲིལ་བའི་ཉིན་སྲིབ་ཀུན་ཏུ་གནས་པའི་རྒྱ་ཆེའི་ཀློག་པ་པོ་དག་གི་དགའ་བའི་སྐྱེས་སུ་སྨིན་པའི་རེ་

བ་འཆང་བཞིན་ཡོད་ལ།  མཁྱེན་དཔྱོད་ཡངས་པའི་སྙུག་ཐོགས་པ་དང་ཀློག་པ་པོ་རྣམས་ཀྱིས།  བོད་རང་གི་རིག་གནས་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་ཐད་ཐུགས་ཁུར་ཆེ་བཞེས་ཀྱིས་བོད་ཁ་བ་རི་བའི་

རིག་གནས་སྒྱུ་རྩལ་གྱི་ལས་དོན་ལ་བསམ་བློའི་མཛུབ་ཁྲིད་དང་དོགས་སློང་སྒོས་མར་མེའི་གཟི་འོད་འཇིག་རྟེན་མིའི་ཁམས་ཆེན་པོའི་ལོངས་སྤྱོད་དུ་འདྲེན་པའི་རོགས་མགོན་གནང་རྒྱུར་ངེད་རྩོམ་སྒྲིག་

པས་ཉིན་ལྟར་ངང་སྒུག་བྱེད་བཞིན་ཡོད།

མར་མེ་བོད་ཀྱི་རྩོམ་རིག་དྲ་བ་ནི་ང་ཚོ་ན་གཞོན་རེ་གཉིས་ཤིག་གིས་སློབ་སྦྱོང་ལས་ཞོར་དུ་སྒྲུབ་བཞིན་ཡོད་པས། དེ་བཞིན་གནས་ཚུལ་དང་རྩོམ་ཡིག་སོགས་དུས་ཚོད་ལྟར་གཏོང་རྒྱུར་ངེས་གཏན་མེད་

ནའང་། ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་རྩོམ་པ་པོ་རྣམས་ཀྱི་ཐུགས་འདུན་བཞིན་འཛམ་གླིང་སྟེང་གི་བོད་ཡིག་ཀློག་པ་པོ་ཚོའི་སྤྱན་སྔར་གང་མྱུར་སྒོས་སྐྱེལ་ཐུབ་པར་འབད་པས་སྒྲུབ་རྒྱུ་ལགས་ན། 

ངེད་དྲ་བའི་ལེ་ཚན་རེ་རེའི་ནང་དོན་དང་རན་པའི་གནས་ཚུལ་དང་རྩོམ་ཡིག་གང་མང་བརྒྱུད་སྤེལ་མཐུན་སྦྱོར་གནང་བའི་འབོད་སྐུལ་དང་། མཐར་ང་ཚོའི་མཛའ་བ་རྟག་བརྟན་དུ་གནས་ཤིང་

ཕུགས་འདུན་གཅིག་ཏུ་འགྲུབ་པའི་སྨོན་འདུན་སྙིང་ནས་ཞུ།

                                                                                                                                                                                         ཕྱི་ཟླ༤ཆེས༢༠ཉིན་གྱི་ཞོགས་པར།

 

 

                                                                                                                                                                                      ༼  ཕྱིར་ལོག་པ ༽ ༼  རྗེས་སུ་འཚོལ་བ ༽

 

 


 

མར་མེ་བོད་ཀྱི་རྩོམ་རིག་དྲ་བ།

Tibetan Literate Website Of  Butter  Lamp

ངེད་མར་མེ་དྲ་བར་བཀོད་ཟིན་པའི་རྩོམ་ཡིག་དང་པར་རིས་རིགས་གཞན་གྱིས་བེད་སྤྱོད་གཏོང་ཚེ་ངེས་པར་དུ་རྩོམ་སྒྲིག་པར་འབྲེལ་གཏུགས་བྱེད་དགོས།

Copyright: ©2008-2009 www.marmay.com  E-mail: marmayeditor@yahoo.com Tel: 0091+9816143619 / 9805475162